gequbao.com

找歌就用歌曲宝

cover

果洛尖参《梦境》 - 果洛尖参

果洛尖参《梦境》-果洛尖参.mp3
作词 : 卓纳 作曲 : 果洛尖参 ཚིག སྒྲོག་ནག དབྱངས། མག...
作词 : 卓纳
作曲 : 果洛尖参
ཚིག སྒྲོག་ནག
དབྱངས། མགོ་ལོག་རྒྱལ་མཚན།
གཞས་པ། མགོ་ལོག་རྒྱལ་མཚན།

འབྲོང་ཁྱུ་གངས་འདབས་ནས་གཤར་ན།།
གངས་རི་སྲོག་སྙིང་དུ་བཟུང་ཡོད།།
སྲིད་པའི་དཀྱིལ་འཁོར་གྱི་ཉི་ཟླ།
རྭ་རྩེར་ཁུར་བ་རང་མ་གནང་།།
ས་གཞི་རྨིག་འོག་ནས་སྒུལ་ན།།
ངུར་སྒྲ་རྨི་ལམ་དུ་འཁོར་བྱུང་།།

ལུག་ཁྱུ་སྤྲིན་དཀར་དང་འདྲེས་ན ། །
འབའ་སྒྲ་བར་སྣང་ལ་ཁྱབ་ཡོད།།
ལུག་ཁྱུ་སྐར་ཚོགས་ཀྱི་དབུ་རྒྱན།།
རྫི་གླུ་དྲུག་འགྱུར་ལ་དྲངས་སོང་།།
བལ་ཁ་དར་དཀར་ལས་འཇམ་ན།།
འབའ་སྐད་རྨི་ལམ་དུ་འཁོར་བྱུང་།།

རྟ་ཁྱུ་རླུང་ནང་ནས་འདྲོགས་ན །།
མགོ་རྣ་ཨ་སྔོན་ནས་འཁྱུག་ཡོད།།
རྔོག་ཆུང་སྤྲིན་ཕུང་གི་འདབ་མ །།
ཆར་གྱིས་ཤད་པ་རང་མ་གནང་།།
འཚེར་སྐད་རྒྱང་རིང་ནས་སྒྲོག་ན།།
རྨིག་སྒྲ་རྨི་ལམ་དུ་འཁོར་བྱུང་།།
梦境
词:卓纳
曲:果洛尖参
演唱:果洛尖参

野牛成群行走在雪山脚下,
以雪山为生命的根本,
闪烁在世间的日月星,
可别把挂在牛角尖上,
大地在野牛蹄下摇动,
咆哮声在梦境里回荡。

羊群与白云相汇,
啼声在空中回响,
羊群如星的点缀,
构成美妙的牧歌,
羊毛比白绸柔软,
啼声在梦境里回荡。

马群在风中惊奔,
头耳在空中盘旋,
如云朵般的马鬃
不可以让雨淋湿,
鸣声从远方响起,
蹄声在梦境里回荡。
展开