gequbao.com

找歌就用歌曲宝

cover

故乡 - 仲巴罗布

故乡-仲巴罗布.mp3
作词 : 仲巴罗布 编曲 : 仲巴罗布 མཁར་བཙན་པོ་རི་བོ་ག...
作词 : 仲巴罗布
编曲 : 仲巴罗布
མཁར་བཙན་པོ་རི་བོ་གྲུ་འཛིན་གཅིག།
བོད་མཁས་པའི་བློ་རིག་མཚོན་དང་གཉིས།།
ལྷ་ཇོ་བོའི་བྱིན་རླབས་ཆེ་དང་གསུམ།།
ངའི་ཕ་ཡུལ་བསིལ་ལྡན་ཁ་བའི་ཞིང་ཁམས་རེད།།
ཕ་ཡུལ་ཡ་་་ཕ་ཡུལ།
ངའི་ཕ་ཡུལ་བསིལ་ལྡན་ཁ་བའི་ཞིང་ཁམས་རེད།།
ངའི་བླ་རི་རྨ་རྒྱལ་སྤོམ་ར་གཅིག།
ཡུལ་འདི་ལ་མགོན་སྐྱབས་ཆེ་དང་གཉིས།།
བོད་ཁ་བའི་རླུང་རྟ་མཐོ་དང་གསུམ།།
ངའི་ཕ་ཡུལ་བསིལ་ལྡན་ཁ་བའི་ཞིང་ཁམས་རེད།།
ཕ་ཡུལ་ཡ་་་ཕ་ཡུལ།
ངའི་ཕ་ཡུལ་བསིལ་ལྡན་ཁ་བའི་ཞིང་ཁམས་རེད།།
དྲིན་ཕ་མའི་སྐུ་ཚེ་བརྟན་དང་གཅིག།
བོད་སྤུན་ཟླའི་མཐུན་སྒྲིལ་ཟབ་དང་གཉིས།།
ཆོས་དམ་ཚིག་མདུད་པ་བརྟན་དང་གསུམ།།
ངའི་ཕ་ཡུལ་བསིལ་ལྡན་ཁ་བའི་ཞིང་ཁམས་རེད།།
ཕ་ཡུལ་ཡ་་་་་ཕ་ཡུལ།
ངའི་ཕ་ཡུལ་བསིལ་ལྡན་ཁ་བའི་ཞིང་ཁམས་རེད།།
展开