gequbao.com

找歌就用歌曲宝

cover

爱慕之乡 - 项欠才让XQCR

爱慕之乡-项欠才让XQCR.mp3
作词 : 项欠才让XQCR 作曲 : 仁增卓玛 ཞེན་ཆགས་ཀྱི་ཕ་...
作词 : 项欠才让XQCR
作曲 : 仁增卓玛
ཞེན་ཆགས་ཀྱི་ཕ་ཡུལ།

འདོ་བ་རྐྱང་ཆུང་ཞིག་ལ་སྲབ་དང་སྒ་ཆ་སྒྲིག་ཡོད།།
གྱེས་པོས་བྱང་ལམ་བསྐོར་དུས་རྐྱང་གི་རང་གཤིས་འཕར་ཡོང་།།
ཉག་གའི་ལབ་ཙེ་ཞིག་ནས་བསང་དུད་དགུང་ལ་སྤུར་ཡོད།།
རྐྱང་གི་སུག་བཞིའི་བར་ལ་རླུང་གི་དངོས་གྲུབ་སྩལ་རོགས།།

རི་མགོ་མཐོ་ས་ཞིག་ནས་རླུང་རྟ་དགུང་ལ་སྤུར་ཡོད།།
གྱང་མེད་རྒྱལ་ཁམས་འགྲིམ་དུས་ལྷ་དམག་ཡུལ་གང་དྲངས་ཡོང་།།
སྦྲ་ནག་ཁྲི་སྡེ་ཞིག་ཏུ་གཞོན་པའི་འཛུམ་དཀར་ལུས་ཡོད།།
ལོ་ཟླ་ག་ཙམ་སོང་ཡང་སེམས་ནས་བརྗེད་གི་མ་འཇུག།

སེམས་སོང་ཟླ་བའི་ཞལ་ཏུ་ཚིག་གི་ཕྲ་རྒྱན་བཞག་ཡོད།།
ལོ་ཟླའི་གས་མཚམས་ཞིག་ནས་བརྩེ་བའི་སྤྱན་ཟུང་ཕེབས་ཡོང་།།
སེམས་ཀྱི་ཉི་ཟླ་ཟུང་གི་འོད་ཟེར་སྤང་ལ་ཟུག་སོང་།།
སྤང་གི་སེར་ཆེན་མེ་ཏོག་གེ་སར་འཛུམ་དཀར་བཞད་བྱུང་།།
展开