gequbao.com

找歌就用歌曲宝

cover

师徒的提醒 - 仲巴罗布

师徒的提醒-仲巴罗布.mp3
作词 : 仲巴罗布 作曲 : 仲巴罗布 编曲 : 仲巴罗布 དག...
作词 : 仲巴罗布
作曲 : 仲巴罗布
编曲 : 仲巴罗布
དགེ་རྒན་ལགས་ཉི་མ་འདྲ་ལེ།།  老师犹如太阳
དགེ་རྒན་ལགས་ཟླ་བ་འདྲ་ལེ།།  老师犹如月亮
ཐུགས་བྱམས་སེམས་ཆེ་བའི་དགེ་རྒན།། 慈悲的老师
དྲིན་ཕ་ལོ་འདྲ་བའི་དགེ་རྒན།།   与父无别的老师
སྙིང་དམར་པོ་འདྲ་བའི་དགེ་རྒན།།  之如心灵的老师
བློ་མུན་པ་སེལ་བའི་དགེ་རྒན།།   启蒙的老师
རིག་པའི་ལམ་སྣེ་ཟིན་པ།།  能入求学之路
 དགེ་རྒན་དམ་པའི་དྲིན་ཡིན།།  是老师之恩
མ་རིགས་གཉིད་ལས་སད་པ།།  能让苏醒民族
དགེ་རྒན་དམ་པའི་དྲིན་ཡིན།།   是老师之恩
བརྩེ་བའི་དགེ་རྒན།།    亲爱的老师  
རིགས་ཀྱི་སློབ་བུ།།     本门学子
མི་རིགས་འདི་ཡི་རྒྱུད་འཛིན།། 遗传本民族
ཁྱོད་དང་ང་ཡི་འགན་ཡིན།།  你和我的责任
སློབ་ཕྲུག་ལགས་གངས་རི་འདྲ་ལེ།། 学子犹如雪山
སློབ་ཕྲུགས་ལགས་རྩྭ་ཐང་འདྲ་ལེ།། 学子犹如草原
བློ་ཤེས་རིག་གསལ་བའི་སློབ་མ།།  聪明的学子
ལས་བརྩོན་འགྲུས་ཅན་གྱི་སློབ་མ།། 努力奋斗的学子 
རྒན་གུས་བསྐུར་ལྡན་པའི་སློབ་མ།། 礼貌敬长的学子
གཞོན་བྱམས་གྱིས་སྐྱོང་བའི་སློབ་མ།།  仁慈爱幼的学子
ཀ་ཁའི་དབྱངས་རྟ་སྙན་མོ།།    优美母语的旋律
མི་རིགས་ཞིག་གི་སྲོག་ཡིན།།   是一个民族的根
སྐད་ཡིག་ཀུན་ལ་མཁས་པ།།   通晓许多语言
མི་རིགས་འདི་ཡི་རྒྱན་ཡིན།།   是本民族的饰
བརྩེ་བའི་སློབ་བུ།    亲爱的学子
དྲིན་ཆེན་དགེ་རྒན།།  大恩的老师
མི་རིགས་འདི་ཡི་རྒྱུད་འཛིན།།  遗传本民族
ཁྱོད་དང་ང་ཡི་འགན་ཡིན།།   你和我的责任
ཞང་སྟོན་བསྟན་པ་རྒྱ་མཚོས།  向东旦巴加措说
སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཞེས་གསུང་པ་ལྟར།།  能懂很多语言文化是非常好,但是忘记自己的母语是耻辱
སྐ་ཡིག་གི་རིན་ཐང་། 母语的价值
 ཤེས་པའི་དགོས་པ། 要学会的必要
མ་ཤེས་པའི་ཉེས་དམིགས་སོགས་ཇི་ལྟར་གསུང་པ་བཞིན། 不知的罪过等 如所说
ཁྱོད་ཀྱིས་ཤེས་དགོས།  你要知道
ཁྱོད་ཀྱིས་རྟོགས་དགོས།། 你要明白
གལ་པོ་ཆེ་ལ་ནན་ཏན་ཡིན་དམ་པའི་ཆོས་ལ་བརྒྱ་ཚར་ཡིན།། 是强调重点是正法百遍
འོ་ལེགས་སོ་དགེ་རྒན། 我知尊
བཀའ་དྲིན་ཡིན་པ་ངོ་ཤེས་སྐུ་དྲིན་ཡིན་པ་དོན་རྟོག།། 知感恩 懂恩德
འཆི་བ་སྲོག་ལ་ཐུག་ཀྱང་། 生命至亡也
ཤེས་ཡོན་ལ་སྦྱང་པ་བཟོ་ཡོང་།། 为学拼搏
སྐད་ཡིག་ལ་མཐོང་ཆེན་བྱེད་ཡོང་། 重视母语
རང་སྐད་སྲོག་ལྟར་སྲུང་ཡོང། 如命护母语
གཞན་སྐད་རྒྱན་དུ་འཛིན་ཡོང་།། 外语为于饰之
རིགས་ཞེན་ཀྱི་དུང་བ་ཆེ་ལེ།། 对种嗜大情
རྒན་སློབ་ཀྱི་མཛའ་བརྩེ་ཟབ་ལེ།། 师徒情之厚
ལྷག་བསམ་གྱི་གོ་ཆ་བསྒོས་པའི།།  分享诚意的铠甲
བཤེས་གཉེན་ཚོས་སྙིང་སྟོབས་དྲན་གི། 想起祖辈的勇气
དཔའ་ངར་ལ་ཞུམ་པ་མེད་པའི།།  英勇无畏的
ལོ་རྒྱུས་ཀྱི་དཔའ་བོ་དྲན་གི།། 想念历史的英雄
སྦྲ་ནག་གྲུ་བཞི་དོར་ནས།།  掉弃黑帐篷
སྐྱ་གུར་འབྲོག་ལ་མི་མཛའ།། 白帐不合牧民
ས་ཞིང་གྲུ་བཞི་དོར་ནས།། 掉弃田园
རོང་པའི་རྒྱ་གྲོང་མ་ཉུལ།། 农民莫浪大城
འབྲོག་གི་རྒན་པོ།  牧民老爷
ཨེ་རོང་གི་གཞོན་ནུ།  阿 农民少年
སྲོལ་རྒྱུན་བཟང་པོ་སྐྱོང་རྒྱུ།། 培养优良传统
ཁྱོད་དང་ང་ཡི་འགན་ཡིན།། 你和我的责任
展开