gequbao.com

找歌就用歌曲宝

cover

我的诺言 - 藏巴罗布

我的诺言-藏巴罗布.mp3
[00:00.000] 作词 : 藏巴罗布 [00:01.000] 作曲 : 藏...
[00:00.000] 作词 : 藏巴罗布
[00:01.000] 作曲 : 藏巴罗布
[00:04.849]ངའི་དམ་བཅའ།
[00:08.299]ཚིག གཙང་པ་ནོར་བུ།
[00:11.530]གདངས གཙང་པ་ནོར་བུ།
[00:14.559]གླུ་པ གཙང་པ་ནོར་བུ།
[01:00.496]ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུས་རྐྱེན། །
[01:07.441]འཇིག་རྟེན་མི་ལུས་རིན་ཆེན་ང་ལ་ཐོབ། །
[01:14.759]མི་ལུས་རིན་ཆེན་ཐོབ་པའི་ནང་ནས་ཀྱང་། །
[01:21.920]ནང་པ་སངས་རྒྱས་དར་བའི་ཞིང་དུ་སྐྱེས།
[01:29.117]ང་ཡི་སྟོན་པ་ཤཱཀྱ་ཐུབ་པ་ཡིན། །
[01:36.285]ང་ཡི་ཚོགས་བསག་སྨོན་ལམ་ཁོང་ལ་འདེབས། །
[01:43.495]འཇིག་རྟེན་སྐྱེ་འགྲོ་ཉོན་མོངས་འགྲོལ་བར་སྨོན། །
[01:50.704]ནང་པའི་ཆོས་ཀྱི་བསྟན་པ་རྒྱས་པར་སྨོན།
[02:07.424]ང་ཡི་མི་ཚེ་ནང་བའི་ཆོས་ལ་དད། །
[02:14.609]སྐྱབས་སུ་འགྲོ་བའི་ལྷ་དང་བླ་མར་གུས། །
[02:21.840]རྟག་ཏུ་ནང་པའི་ཆོས་ཀྱི་རྗེས་སུ་འབྲང་། །
[02:29.118]འཛམ་གླིང་ཞི་བདེ་ཡུལ་ཁམས་སྐྱིད་པར་སྨོན། །
[03:05.013]ཐ་ན་ཞིང་དེར་མི་གནས་འདས་པའི་ཚེ། །
[03:12.264]ཆགས་སེམས་མེད་པར་ཞིང་ཁམས་གཞན་དུ་ཐོན། །
[03:19.565]རྣམ་ཤེས་བསྡད་ཤུལ་ཕུང་པོའི་བེམ་རོ་དེར། །
[03:26.657]ཡིད་བརྟན་མེད་པར་དགེ་བའི་སྦྱིན་པ་བཏང་། །
[03:33.933]མཁའ་ལ་ལྡིང་བའི་ཐང་དཀར་རྒོད་པོ་དང་། །
[03:40.970]ཆུང་ནང་འཁྱུག་པའི་ཉ་ཆུང་འབུ་སྲིན་ཚོར། །
[03:48.294]བཀྲེས་ལྟོགས་སེལ་ཕྱིར་ཐ་མའི་རང་ལུས་སྦྱིན། །
[03:55.440]སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། །
[04:12.258]བར་དོའི་འཕྲང་ལམ་སྐྱོ་གདུང་ཆེ་ན་ཡང་། །
[04:19.431]ང་ནི་མི་སྐྲག་བླ་མ་སྒོམ་ཞིང་ཐོན། །
[04:26.628]དེ་ཕྱིར་བསམ་ཏེ་ཞེན་ཆགས་མེད་བཞིན་དུ། །
[04:33.832]ཞིང་ཁམས་གཞན་ཞིག་འཚོལ་འགྲོ་ངའི་དམ་བཅའ། །
[04:50.636]བར་དོའི་འཕྲང་ལམ་སྐྱོ་གདུང་ཆེ་ན་ཡང་། །
[04:57.850]ང་ནི་མི་སྐྲག་བླ་མ་སྒོམ་ཞིང་ཐོན། །
[05:05.122]དེ་ཕྱིར་བསམ་ཏེ་ཞེན་ཆགས་མེད་བཞིན་དུ། །
[05:12.248]ཞིང་ཁམས་གཞན་ཞིག་འཚོལ་འགྲོ་ངའི་དམ་བཅའ། །
展开