gequbao.com

找歌就用歌曲宝

cover

情意绵绵 - 桑尕白

情意绵绵-桑尕白.mp3
编曲 : 桑尕白 བརྩེ་ཞེན་གྱ་གྱུ། ཚིག  འབྲོག་བུ་དཀོན་...
编曲 : 桑尕白
བརྩེ་ཞེན་གྱ་གྱུ།
ཚིག  འབྲོག་བུ་དཀོན་བཀྲ།
གདངས། མགོན་པོ་དོན་གྲུབ།
གཞས་པ། བསང་སྐལ་བྷེ། རྨ་ཆུའི་ཆོས་འཛོམས།
ཕོ། 
རྨ་ཀླུང་གཡས་སུ་འཁྱིལ་བའི་འགྲམ་རྒྱུད་ན། ། 
གནག་ཕྱུགས་འཚོ་ལ་བྲེལ་བའི་ན་ཆུང་མ། །
རེ་ཞིག་དར་ལུང་རྣ་བ་ཚུར་གཏོད་དང་། །
བུ་ངས་ཁྱེད་རང་དྲན་པའི་གླུ་ཞིག་ལེན། །
མོ།
མརྒད་ཁུ་བས་བྱུགས་འདྲའི་སྤང་གཞུང་ན། །
ལྷ་རྟ་རྐྱང་ཕྲུག་བཞོན་པའི་སྟག་ཤར་ལགས། །
མ་བཟང་བུ་མོའི་ལུས་ངག་པད་མའི་དཔལ། །
གཞོན་ནུའི་ཕྱོགས་ལ་འཁྲེང་ནས་ཡུན་རིང་འགོར། །
ཕོ། 
ཕ་རིའི་ཡུལ་ན་གནས་བཟོད་བདེ་ལེགས་སམ། །
འུ་གཉིས་མ་འཕྲད་ལོ་ཟླ་ག་ཙམ་ཡིན། །
སྙིང་ལ་བྲིས་པའི་དམ་བཅའི་རི་མོ་དེ། །
མ་བསྣོག་མ་བསུབ་ད་དུང་ཨེ་དྲན་ཀི །
མོ།
རེས་སྐྱིད་རེས་སྡུག་འཇིག་རྟེན་འཁོར་བ་ནས། །
རེས་བྲལ་རེས་འཛོམས་མི་ཚེའི་ཟློས་གར་ཁྲོད། །
འུ་གཉིས་ལན་གཅིག་འཛོམས་པའི་དགའ་བ་དེ། །
རྡོ་བརྐོས་རི་མོ་བཞིན་དུ་བརྗེད་ཐབས་མེད། །
ཕོ།
ད་ནངས་ཕ་ཡུལ་བཞག་སྟེ་ཡོང་བའི་ཚེ། །
ཅང་ཤེས་གཤོག་ཐོགས་རླུང་གི་འཕུར་ཡ་འདྲ། །
རང་སེམས་སྙི་མོ་ཐང་དཀར་རྒོད་པོ་བཞིན། །
རི་དང་ལུང་པ་གཤོག་རྡེབ་རྩལ་གྱིས་བཅད། །
མོ།
ཁྱེད་རང་ཐག་རིང་རྒྱང་ནས་ཡོང་བའི་དུས། །
ཆུ་དང་ཟམ་པ་བརྒལ་ནས་ཨེ་དཀའ་ཐལ། །
བདག་གི་མཐིང་སྨུག་སྦྲ་ཡི་གཞིས་ཀ་ནས། །
ཞག་གསུམ་སྐུ་ངལ་གསོས་ལ་བག་ཕེབས་མཛོད། །
མཉམ་ལེན།
ཞེ་མཐུན་ཆུང་གྲོགས་ཁྱེད་རང་དྲན་དྲགས་པས། །
ཐུན་གསུམ་རྨི་ལམ་ནང་ལ་ཡང་ཡང་འཁོར། །
ཁྱེད་རང་མེད་པའི་ཁེར་རྐྱང་ལོ་ཟླའི་ནང་། །
བརྩེ་ཞེན་དམར་པོའི་རྨུ་ཐག་མཁའ་ལ་བསྲིངས། །
展开