gequbao.com

找歌就用歌曲宝

cover

雪山情 - 央格卓玛

雪山情-央格卓玛.mp3
作词 : 索巴 作曲 : 民歌 གངས་དཀར་སྤུན་གསུམ། གཞས་ཚིག...
作词 : 索巴
作曲 : 民歌
གངས་དཀར་སྤུན་གསུམ།
གཞས་ཚིག།_བཟོད་པ།
དབྱངས །_དམངས་ཁྲོད
གཞས་མ།_གཡངདཀརསྒྲོལ་མ།
གངས་གངས་དཀར་སྤུན་གསུམ་གངས་རི་གི།
ཁྱོད་སེང་ཅན་ཡོང་ཡོང་གང་ནས་འོང་།།
དགུང་ཁྲི་གདུགས་ཉི་མས་མ་བཞུ་ལས།།
གཏམ་ཚིག་གསུམ་ང་ལ་བསླབ་གནང་མེད།།
ང་སེང་ཅན་གངས་དཀར་སྟོད་ནས་འོང་།།
ཁྱོད་གངས་དཀར་སྤུན་གསུམ་འདི་རུ་ཆགས།།
གཏམ་ཧེན་པའི་ཚིག་གསུམ་བསླབ་པ་ཅན།།
ང་གངས་རི་འདི་གར་བཞག་གནང་མེད།།
ཁྱོད་སེང་ཅན་ང་དང་བཞག་པ་ལི།།
དགུང་ཁྲི་གདུགས་ཉི་མའི་དྲོད་ཉམས་གི།
ཆུ་སྔོན་མོའི་ཕྱོགས་ལ་འགྱོ་ཚེ་སྨོན།།
རང་སྡོད་པའི་བསྐལ་བ་འདི་གར་མེད།།
གན་ཁྲི་གདུགས་ཉི་མའི་དྲོད་ཉམས་གི།
ཆུ་སྔོན་མོ་མཉམ་གཅིག་འགྱོ་ནི་ཡིན།།
ངའི་སེམས་ཀྱི་འགྲོ་རོགས་དྲོད་ལྡན་གི།
ཆུ་སྔོན་མོ་མཉམ་གཅིག་སྐྱོ་ལས་ཡིན།།
ང་རྐྱང་ཡང་འགྱོ་བའི་ཆུ་མོ་དང་།།
ང་གསེར་མིག་མཉམ་རོགས་ཁྲེལ་མེད་གཉིས།།
དུས་ད་རེ་བཤད་པའི་ཉི་མ་ལས།།
ས་གང་སྟེ་འགྲོ་རུང་མཉམ་གཅིག་ཡིན།།
ཚེ་སྔོན་གྱི་ལས་དང་སྨོན་ལམ་གི།
དུས་ད་རེས་གཅིག་སེམས་གཅིག་ལ་ཆགས།།
དགའ་འོ་མི་ཚེ་གཅིག་གི་གཉེན་གྲོགས་འདི།།
དུས་ནམ་ཡང་འགྱུར་བ་མེད་པར་ཤོག།
展开