gequbao.com

找歌就用歌曲宝

cover

祈祷 - 桑尕白

祈祷-桑尕白.mp3
作词 : 民间 作曲 : 曲迈才让 编曲 : 桑尕白 སྨོན་ལམ་...
作词 : 民间
作曲 : 曲迈才让
编曲 : 桑尕白
སྨོན་ལམ་འདེབས། 
ཚིག དམངས་ཁྲོད། 
དབྱངས གླིང་རྒྱལ་འཆི་མེད་ཚེ་རིང་། 
ལེན་མཁན། བསང་སྐལ་བྷེ། ཚེ་དཔག་སྐྱབས། མགོ་ལོག་དར་རྒྱས།
སྟོད་གན་ན་རི་ཆེན་སྨུག་པ་ཅན།།
རི་སྨུག་པ་ཅན་ལ་རི་དྭགས་འཁོར།།
རི་སྨུག་པོ་ས་གཞིའི་གཡང་རྟེན་རེད།།
གཡང་ཡང་ཡང་ཆགས་པའི་སྨོན་ལམ་འདེབས།།
བར་གན་ན་མཚོ་མོ་རླངས་པ་ཅན།།
མཚོ་རླངས་པ་ཅན་ལ་ཉ་སྲམ་འཁོར།།
མཚོ་ཡིད་བཞིན་ནོར་བུའི་འབྱུང་ཁུངས་རེད།།
སྐྱིད་ཡང་ཡང་འཆར་བའི་སྨོན་ལམ་འདེབས།།
སྨད་གན་ན་ཕ་མ་བྱམས་སེམས་ཅན།།
མ་བྱམས་སེམས་ཅན་ལ་བུ་ཕྲུག་འཁོར།།
བུ་ཚ་བོ་ཕ་མེས་རྒྱུད་འཛིན་རེད།།
བུ་འདབ་ལག་རྒྱས་པའི་སྨོན་ལམ་འདེབས།།
展开